གོ་ལ་ཟླུམ་པོ་དྲ་ཁྱིམ་དུ་བཀོད་ཐུབ་པའི་དུས་འདིར། གཞིས་བྱེས་བར་མཐུན་ལམ་དང་འབྲེལ་ལམ་ཇེ་དམ་ཇེ་ཡངས་སུ་འཛིན་སྐྱེད་ལ་སྨན་པའི་གཟུགས་མེད་དྲ་ཁྱིམ་འདི་ད་ལྟ་བོད་ཕྱི་ནང་བར་གསུམ་གང་ན་གནས་ཀྱང་ལྷན་གཅིག་ཏུ་འཕྲལ་མར་འཛོམས་ཐུབ་པའི་བཀྲ་ཤིས་གཡང་ཁྱིམ་ལྟ་བུར་ཆགས་ཤིང་། ཁྱིམ་འདིར་གངས་ཅན་པའི་སྐྱིད་སྡུག་གི་ཕྱོགས་སྣ་ཐམས་ཅད་ལྷུག་པོར་གླེང་ཆོག་ལ་རེ་འདོད་ཀྱང་ལྷུག་པོར་གནང་ཆོག་པའི་གཞིས་ཤིག་ཡིན། ལྷག་དོན་གཉན་འཕྲང་ཅན་གྱི་དུས་སྐབས་འདིར་གངས་ཅན་པའི་སྒང་ལྐོག་ཇུས་རབས་དང་རིམ་པ་ཟམ་མ་ཆད་པར་བཟོས་དང་བཟོ་བཞིན་པའམ་ཉེན་ཁ་ཆེ་ཕྲ་ཆུང་གསུམ་དང་། ཡང་ན། མཐོ་དམའ་བར་གསུམ་གང་ནས་བསླེབས་དང་སླེབ་བཞིན་པ་དེ་དག་གདོང་ལེན་བྱེད་པ་དང་། བོད་སྤྱི་བའི་འཕྲལ་ཡུན་གནས་སྟངས་དཔོག་གཞིགས་ཇི་འཐུས་སུ་འབུངས་པའི་ཁྱིམ་འདིར་བུ་རང་ཁྱིམ་དུ་ལོག་པ་ནང་བཞིན་ཕེབས་ཤོག།

སྔོག་ཀློག