༄༅། །རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་དང་བཅས་པའི་རང་ལུས་མེར་བསྲེགས་དང་དེའི་འཕྲོས་དོན་བརྟག་དབྱེ་བོད་བཙན་པོའི་ རྟིང་འཇུག་དུས་ཀྱི་མེ་དཔུང་ཞེས་བྱ་བ་བཞུགས་སོ།།

སྤྱི་ལོ་༢༠༢༦ པའི་ཟླ་༧ པའི་ཚེས་༢ ཉིན། ཨ་རིའི་ནེའུ་ཡོག་གྲོང་ཁྱེར་ཏུ་ཆགས་པའི་མཉམ་འབྲེལ་རྒྱལ་ཚོགས་མདུན་ཐང་དུ། བོད་གངས་ཅན་པའི་ཆབ་སྲིད་དཀའ་རྙོག་སེལ་སླད་དུ་བློ་དགའ་རང་བཙན་ལགས་ཀྱིས་རང་ལུས་མེར་བསྲེགས་གནང་བ་དེ་ནི། ཡུལ་དུས་གཉིས་ཀའི་ཆ་ནས་དམིགས་བསལ་ཅན་ཞིག་ཆགས་བསྡད་ཅིང་། མི་རིགས་ཀྱི་ཆེད་དུ་རང་སྲོག་བློས་བཏང་གནང་པའི་བོད་པ་ཨ་རི་བ་དང་པོ་རེད་ལ། བོད་ཀྱི་རྒྱལ་གཅེས་དཔའ་བོ་ཨང་༡༧༡་པ་དེའང་ཆགས།

Read more